首页> 摄影>བོད་པར།
应用介绍
བོད་པར། Androidཡིག་གཟུགས་ཀུན་འཛོམས་པར་སྒྲིག་མཉེན་ཆས། པར་གཞི།༢.༥དངོས་སུ་ཐོན་ཡོད། བོད་ཡིག་གི་ཡིག་གཟུགས་མི་འདྲ་བ་༣༠དང་གཏམ་དཔེ་དང་ལེགས་བཤད་༡༥༠ཙམ། བོད་ལུགས་འགུལ་རིས་རི་མོ༡༠༠ཙམ་ཡོད་ལ་ཡིག་གཟུགས་སྣ་མང་ཅན་གྱི་རྩོམ་དང་པར་སོགས་མྱུར་དུ་སྒྲིག་བཟོ་བྱ་ཆོག བོད་ལུགས་པར་རིས་རྩོམ་འབྲི་བྱེད་པར་མེད་དུ་མི་རུང་བའི་མཉེན་ཆས་ཞིག་ཡིན། དེ་མིན་ཐོག་མར་རིན་པ་སྤྲད་དེ་ཐོ་འགོད་བྱས་ཚེ་ཁ་པར་ད་གའི་ནང་དུས་ཡུན་དེ་མ་རྫོགས་པར་མཉེན་ཆས་བསུབ་ནས་བསྐྱར་སྒྲིག་བྱས་པ་དང་རིམ་སྤར་སོགས་གང་བྱས་ཀྱང་དངུལ་སྤྲོད་དགོས་ཀྱི་མེད། ད་དུང་མཉེན་ཆས་འདི་མཉམ་སྤྱོད་བྱས་ན་རིན་མེད་བེད་སྤྱོད་ཆོག་པའི་ནུས་པ་ཡང་ཡོད།
展开全文  ∨